Search This Blog

Sunday, June 6, 2010

11 ཕག་རིམས་ H1N1 དང་ལི་ཤི་མཚོན་འཁོར།


༈ ལི་ཤི་མཚོན་འཁོར།


ལེ་ཊིན། Illicium verum Hook.f. (ཨི་ལི་སིཡམ། ཝེ་རམ།)
སྡེ་ཁོངས། Illiciaceae  (ཨི་ལི་སཡེ་སིཡཱ།)
རྒྱ་གར་ཚེའི་རིག་བྱེད་ཀྱི་མིང༌། असनफल (ཨཱ་སན་ཕལ། Asanaphala)
ཀྲུང་དབྱིའི་མིང༌། 八角    pajiao "ཟུར་བརྒྱད་པ།"
དབྱིན་སྐད་ཡོངས་གྲགས། Star anise(སཊར་ཨེནིསི།) Star aniseed(སཊར་ཨེནི་སིཌ།)

ལི་ཤི་མཚོན་འཁོར་ནི་ཀརྨ་ཆོས་འཕེལ་ལགས་ཀྱི་བདུད་རྩི་སྨན་གྱི་འཁྲུངས་དཔེ་ལས་གཞན་པའི་བོད་ཀྱི་གསོ་བ་རིག་པའི་སྔོ་འབུམ་ཁག་དང༌། འཁྲུངས་དཔེ་ཁག་གང་དུའང་མི་གསལ་ལ། རྒྱ་གར་ཚེའི་རིག་བྱེད་པ་རྣམས་ཀྱི་བེད་སྤྱོད་བྱེད་པ་དཀོན། འོན་ཀྱང་དམངས་ཁྲོད་སུ་ཤ་རིགས་བརྩོ་ཆེད་སྤོས་ཀྱི་ཚུལ་དུ་བེད་སྤྱོད་གཏོང་བ་དར་ཁྱབ་ཆེ།

ཕྱི་ལོ་2009 ལོར་དར་ཁྱབ་བྱུང་བའི་རིམས་ནད། H1N1(ཕག་རིམས་) འདིའི་གཉེན་པོ་ཊེ་མི་ཕུལུ་ (Tamiflu)   ཞེས་པའི་སྨན་དེའི་སྦྱོར་སྡེ་གཙོ་བོ་སི་ཁི་མིཀ་ (Shikimic acid) ཞེས་པའི་སྒྲུབ་ཆ་ཞིག་ཡིན་ལ། འདི་ནི་ལི་ཤི་མཚོན་འཁོར་འདིའི་འབྲས་བུ་ནས་ཐོན་པ་ཡིན།

འདིའི་རིགས་གཅིག་ (Illicium simonsii  ཨི་ལི་སིཡམ། སཡ་མོན་སི།) འདི་ཇཱཔན།Japan ནས་ཐོན་ཀྱང་དེ་ནི་དུག་ཤེས་བས་སྨན་དུ་མི་སྦྱར་བ་ཟབ།


ཇཱཔན། Japan ནས་ཐོན་པའི་ལི་ཤི་མཚོན་འཁོར་ (Illicium simonsii  ཨི་ལི་སིཡམ། སཡ་མོན་སི།)

No comments:

Post a Comment