Search This Blog

Tuesday, May 7, 2013

26 སྐྱེ་དངོས་སྨན་རྫས་རིག་པ་དང་ཟུང་ལྡན་མིང་བརྡའི་ལམ་ལུགས།


༄༅།། སྐྱེ་དངོས་སྨན་རྫས་རིག་པ་དང་ཟུང་ལྡན་མིང་བརྡའི་ལམ་ལུགས།

འཛམ་གླིང་སྨན་དཔྱད་རིག་པའི་ལོ་རྒྱུས་ལ་བལྟས་ན་ཕྱི་ལོའི་སྔོན་གྱི་དུས་རབས་༡༣ པའི་ནང་རྒྱ་ནག་གི་གསོ་དཔྱད་རིག་པ་དར་ཡོད་ཚོད་དང་། དེ་དག་གིས་སྐྱེ་དངོས་སྨན་རྫས་རིགས་བེད་སྤྱོད་བྱེད་སྲོལ་ཡོད་པ་དང་། ཕྱི་ལོའི་གོང་གི་ལོ་༢༦༠༠ ཙམ་ནས་ཨི་ཇིབྚ་[i]ཀྱི་མེསོ་པོཊཱམིཡཱ་[ii]ཁུལ་དུ་རང་བྱུང་ཁམས་ཀྱི་ཐོན་རྫས་རིགས་སྨན་དུ་ཐོག་མར་བཀོལ་བ་དང་། ཕྱི་ལོའི་སྔོན་གྱི་ལོ་༡༠༠༠ ཡས་མས་ནས་རྒྱ་གར་ཚེའི་རིག་བྱེད་པས་སྔོ་སྨན་རིགས་སྨན་དུ་སྤྱོད་སྲོལ་ཡོད་པའི་ཚོད་དཔག་[iii]དང་། དེ་བཞིན་འཛམ་གླིང་སྨན་དཔྱད་རིག་པའི་མེས་པོ་ཧིཔོ་ཀྲེཊིས་[iv](ཕྱི་ལོའི་སྔོན་གྱི་ལོ་༤༦༠་་་༣༧༠)ཡིས་མཚུར་དང་སྦྲང་རྩི། ཆུ་སོགས་ནད་གསོ་ཐབས་ཀྱི་ལག་ལེན་དུ་སྤྱད་པའི་ལོ་རྒྱུས་རྣམས་ལ་གཞིགས་ན། ཆེས་གདོད་མའི་མི་རབས་ཀྱི་དུས་ནས་རང་བྱུང་ཁམས་ཀྱི་སྐྱེ་དངོས་དང་གཏེར་དངོས། སྲོག་ཆགས་ལས་བྱུང་བའི་དངོས་རྫས་རྣམས་སྨན་དུ་བཀོལ་བའི་སྲོལ་དར་ཡོད་པ་གསལ་པོར་མཚོན་ཐུབ། རིམ་པས་འགྲོ་བ་མིའི་རྣམ་དཔྱོད་ཀྱི་རྩལ་གོང་འཕེལ་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་ཡར་རྒྱས་ཀྱི་འཕོ་འགྱུར་བྱུང་བ་དང་དུས་མཚུངས། ནད་གསོ་ཐབས་ལ་ཉེ་བར་མཁོ་བའི་གཉེན་པོ་སྨན་གྱི་རྒྱུ་ཆའི་ཐོན་ཁུངས་དང་སྤུས་ཚད་རྣམས་ལ་ཡང་ཡར་རྒྱས་ཀྱི་ཁ་ཕྱོགས་འགྱུར་ཡོད་པ་སྨྲོས་མི་དགོས།

Friday, May 11, 2012

25 མཐོ་སྒང་སྨན་རྫས་ཀྱི་འབྱུང་ཁུངས་གནས་རི་གྲགས་ཆེན་གྱི་ལོ་རྒྱུས།


ཡོང་ཁུངས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ། http://zw.guoluo.gov.cn/html/1144/104115.html ལོ།2009 ཟླ།10 ཚེས།30

24 ཨ་ཁུ་ཤེས་རབ་རྒྱ་མཚོའི་དཔེ་ཐོ་ལས་གསོ་བ་རིག་པའི་དཔེ་ཐོ།


ཡོང་ཁུངས། ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུངས་འབུམ་པོད། ཇ་པ། དཀར་ཆག་༩ པ།
དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ།
སྡེ་ཚན་ཉི་ཤུ་པ། གསོ་བ་རིག་པའི་སྐོར།
(དཔེ་ཐོ། ཇ་ ལྔ་བཅུ། མ།༦ (504) ནས་ དཔེ་ཐོ། ཇ་ ང་དགུ། བ།༣ (517) བར།)

Thursday, May 10, 2012

23 གསོ་རིག་ལོ་རྒྱུས་སུ་གྲགས་ཆེ་བའི་སྔོ་འབུམ་གསུམ།

བོད་ཀྱི་གསོ་བ་རིག་པའི་སྨན་ངོ་གསལ་བྱེད་དང་དེ་དག་གི་ཕན་ནུས་རྒྱས་པར་སྟོན་པའི་གཞུང་སྔོ་འབུམ་དང་འཁྲུངས་དཔེ་སྣ་ཚོགས་ཤིག་བྱུང་ཡོད་པའི་ཁྲོད་ནས་ཆེས་སྔ་ཤོས་དང་། གྲགས་ཆེ་ཤོས་ནི་འཇམ་དབྱངས་སྔོ་འབུམ་དང་། སྒྲོལ་མ་སྔོ་འབུམ། གཡུ་ཐོག་སྔོ་འབུམ་གསུམ་བྱུང་བ་ལོ་རྒྱུས་ཡིག་ཆ་ཁག་ཏུ་གསལ་བ་མ་ཟད་སྔོན་བྱོན་གསོ་རིག་མཁས་དབང་ཕལ་མོ་ཆེས་ལུང་འདྲེན་གནང་སྟངས་ལ་གཞིགས་ན། དེ་དག་ནི་ལོ་རྒྱུས་ཐོག་སྙན་གྲགས་ཅན་གྱི་སྨན་གཞུང་ཚད་ལྡན་ཞིག་ཡིན་པ་རིག་པས་སྒྲུབ་ཐུབ།