Search This Blog

Friday, September 10, 2010

14 ག་རྒྱ་ཁྱུང་སྤྲུལ་འཁྲུངས་དཔེ།

འདི་ནི་ག་རྒྱ་ཁྱུང་སྤྲུལ་སྨནགཞུང་ལས། ཚེ་རིག་རྒྱུད་འབུམ་བྱེ་བའི་ཡང་བཅུད་ཟུར་རྒྱན་ཉེར་མཁོ་དཔག་བསམ་ལྗོན་ཤིང་བཟང་པོའི་ས་བཅད་ལྔ་པར་གསལ་བའི་སྨན་གྱི་འཁྲུངས་དཔེ་ཡིན།

འདིར་རྩ་བའི་ས་བཅད་ 
༡། རྩ་བ་བཏུ་འོས་པར་རྩ་བ།༡༧ ནང་གསེས།༣༦ བཅས་བསྡོམས་རྩ་བ།༥༣
༢། ལོ་མ་བཏུ་འོས་པར་རྩ་བ།༡༦ ནང་གསེས།༣༤ བཅས་བསྡོམས་རྩ་བ།༥༠
༣། མེ་ཏོག་བཏུ་འོས་རྣམས་གྲངས།༢༡ ཡན་ལག༢༤ བཅས་བསྡོམས་རྩ་བ།༤༥
༤། འབྲས་བུ་བཏུ་འོས་པར་རྩ་བ།༢༡ ནང་གསེས།༣༥ བཅས་བསྡོམས་རྩ་བ།༥༦
༥། རྩ་ལོ་མེ་འབྲས་ལྷན་ཅིག་བཏུ་འོས་པར་རྩ་བ།༣༠ ནང་གསེས།༩ བཅས་བསྡོམས་རྩ་བ།༣༩
༦། ཡན་ལག་ལྔ་ཡོངས་རྫོགས་བཏུ་འོས་པར་རྩ་བ།༢༥ ནང་གསེས།༧ བཅས་བསྡོམས་རྩ་བ།༣༢

བཅས་ཁྱོན་བསྡོམས་རྩ་བ།༡༣༠ ནང་གསེས།༡༤༥ བཅས་སྨན་སྣ་རྣམས་གྲངས།༢༧༥ ཟིན་ཀྱང་། གཞུང་གི་ཚིག་ཏུ།
 དེ་ལྟར་སྔོ་སྨན་སྡེ་དྲུག་བསྡོམས་པ་ལ།། 
རྩ་བ་བརྒྱ་དང་ཉེར་བརྒྱད་ནང་དབྱེ་བཅས།། 
ཉིས་བརྒྱ་རེ་དྲུག་ནུས་མིང་རྒྱས་བཤད་དོ།། ཞེས་གསལ་ལོ།།

No comments:

Post a Comment