अद्रक (ཨ་དྷ་རཀAdarak) शुण्ठी (ཤུན་ཋི།Sunthi)
ཐོན་ཁུངས། དེང་སྐབས་རྒྱ་གར།India རྒྱ་ནགChina ཇ་པན།Japan ཨིན་ཌོ་ནེ་ཤིཡ།Indonesia ཨོས་ཊོ་ལིཡ།Australia ནཡ་ཇེ་རིཡ།Nigeria ཇ་མཡ་ཀJamaica ནུབ་ཨིན་ཌིས་གླིང་ཕྲན།West Indies Islands བཅས་སུ་འདེབས་ལས་ཤུགས་ཆེ་བྱེད་བཞིན་ཡོད།
ཕན་ནུས། གསོ་རིག་རྒྱུད་ལས། སྒ་ཡིས་དྲོད་སྐྱེད༌༌༌༌༌༌༌༌༌༌༌༌༌༌༌༌༌། བཤད་རྒྱུད། ལེའུ།༡༦
ནད་འབུ་བེཀ་ཊེ་རིཡའི་(Bactericide) གཉེན་པོ། ཐང་གིས་མེ་དྲོད་ཞན་པས་ཕོ་བ་མི་བདེ་བར་ཕན། སྙིང་ཚ་ཤར་ལངས་པ་དང་ཕོ་བ་གཟེར་འཇོམས། དྲོད་སྐྱེད། ཁྲག་རྒྱུ་བར་བྱེད། འགྲུལ་བཞུད་དང་སྦྲུམ་མའི་ཞེ་སྐྱུག་ཞི། ཁྲག་ཤེད་གཅོག དེས་རྐྱེན་པས་ཁྲག་ཁྱགས་ཏེ་སྙིང་ནད་འབྱུང་བར་སྔོན་འགོག་ཐུབ། དྲན་པ་གསལ། ནད་སྲུང་མ་ལག་ཀྱི་བྱེད་ལས་རྒྱས་པར་བྱེད།
ཀྲུང་དབྱིས། རིམས་ནད་ཀྱི་ནད་འབུའི་གཉེན་པོར་བསྟན་སྲོལ་ཡོད།
རྒྱ་གར་ཚེའི་རིག་བྱེད་ཀྱིས། སྒ་དང་མེཐི།( मेथी Methi, Latin: Trigonella foenum-graecum L. (Family: Fabaceae) Common Name: Fenugreek ) གཉིས་སྦྱར་ཏེ་རིམས་ནད་ཀྱི་གཉེན་པོར་བསྟན་སྲོལ་ཡོད།
རྫས་ཀྱི་གྲུབ་ཆ། Heptene, octane, nonanol, ethyl pinene, camphene, ß-pinene, myrecene, zingiberene, gingerol, gingerdiol, aspartic, acid, lucine, arginine.
This is great, Dawa la!
ReplyDelete