Search This Blog

Friday, May 11, 2012

24 ཨ་ཁུ་ཤེས་རབ་རྒྱ་མཚོའི་དཔེ་ཐོ་ལས་གསོ་བ་རིག་པའི་དཔེ་ཐོ།


ཡོང་ཁུངས། ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུངས་འབུམ་པོད། ཇ་པ། དཀར་ཆག་༩ པ།
དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ།
སྡེ་ཚན་ཉི་ཤུ་པ། གསོ་བ་རིག་པའི་སྐོར།
(དཔེ་ཐོ། ཇ་ ལྔ་བཅུ། མ།༦ (504) ནས་ དཔེ་ཐོ། ཇ་ ང་དགུ། བ།༣ (517) བར།)

1.                  ཀླུ་སྒྲུབ་ཀྱི་སྦྱོར་བ་བརྒྱད་(བརྒྱ་པ )པའི་མཆན་བུ་སྟོན་གྱིས་མཛད་པ།
2.                  མི་ཉག་མི་བསྐྱོད་རྡོ་རྗེའི་སྨན་གྱི་ཁོག་དབུག 
3.                                          སྨན་གྱི་ཆོས་འབྱུང་ལོ་རྒྱུས།
4.                  བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་སྨན་གྱི་ཁོག་དབུག་ཤེས་བྱ་རབ་གསལ།
5.                  འཕན་ཡུལ་གྲོས་པ་ཚོགས་གཉིས་རྒྱ་མཚོའི་རྒྱུད་བཞིའི་ཁོག་དབུབ་བཻཌཱུརྱའི་ཆུ་རྒྱུན།
6.                  བྱང་པ་ལྷ་བཙུན་བཀྲ་ཤིས་དཔལ་བཟང་གི་རྒྱུད་བཞིའི་རྣམ་ངེས་དཔག་བསམ་ལྗོན་ཤིང་།
7.                                          སྨན་གྱི་ཁོག་དབུབ་འཛུམ་དཀར་བཞད་པའི་ཉི་མ།
8.                  དེའི་(ལྷ་བཙུན་བཀྲ་ཤིས་དཔལ་བཟང་)སྲས་བྱང་སྨན་བསོད་ནམས་ཡེ་ཤེས་རྒྱལ་མཚན་གྱི་གསོ་རིག་ཁོག་དབུབ་པད་ཚལ་འབྱེད་པའི་ཉི་འོད།
9.                  མིའི་ཉི་མ་ཡབ་སྲས་ཀྱི་རྗེས་སུ་བྱུང་བའི་བྱང་ལུགས་པ་ཞིག་གིས་མཛད་པའི་སྨན་གྱི་ཁོག་དབུབ་རིན་ཆེན་སྒྲོན་མེ།
10.              མཚོ་སྨད་མཁན་ཆེན་ཤཱཀྱ་དབང་ཕྱུག་གི་གསོ་རིག་ཁོག་དབུབ་ལེགས་བཤད་དངུལ་དཀར་མེ་ལོང་།
11.              བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ་གྱི་སྨན་གྱི་ཁོག་དབུབ་ལེགས་བཤད་གསེར་གྱི་སྙེ་མ།
12.              བླ་རྟ་སྐྱེམ་པ་ཚེ་དབང་གྱི་སྨན་གྱི་སྤྱི་དོན་ལེགས་བཤད་འདོད་འཇོ།
13.              འབྲུག་པ་པདྨ་དཀར་པོའི་རྒྱུད་བཞིའི་བཤད་པ་གཞན་ཕན་གྱི་གཏེར།
14.              ལྷ་རྗེ་མི་ཕམ་བཟང་པོའི་སྨན་གྱི་ཁོག་དབུབ་འཆི་མེད་ཕུན་ཚོགས་ལྔ་ལྡན།
15.              བདེ་ཆེན་ཆོས་འཁོར་གྱི་སྨན་པ་རཏྣའི་མིང་ཅན་གྱི་སྨན་གྱི་ཁོག་དབུབ་སྔ་མ་(མི་ཕམ་བཟང་པོའི་སྨན་གྱི་ཁོག་དབུབ་)དང་འདྲ་བ་ལ་ཚིག་སྦྱོར་རྒྱས་པ།
16.              ཟུར་མཁར་པའི་སློབ་མ་རུ་དྷ་ཨཱ་ན་ནྡས་མཛད་པའི་སྨན་གྱི་སྤྱི་དོན་ལེགས་བཤད་རྒྱ་མཚོ་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར།
17.              སྟག་ཁོའི་གསོ་དཔྱད་བྱུང་ཚུལ་གྱི་ལོ་རྒྱུས་སྨན་གྱི་སྤྱི་དོན་དང་བཅས་པ་མཁས་པའི་ཡིད་འཕྲོད་དང་། རིག་གནས་ཀུན་ཤེས།
18.              རིན་སྡིངས་སེམས་དཔའ་ཆེན་པོ་བློ་བཟང་རྒྱ་མཚོའི་སྨན་གྱི་ཆོས་འབྱུང་དྲང་སྲོང་དགོངས་རྒྱན།
19.              ལོ་ཆེན་རིན་བཟང་གི་བརྒྱུད་འཛིན་ཆེ་རྗེ་ཞང་སྟོན་ཞིག་པོ་ཐུགས་རྗེ་ཁྲི་འོད་ཀྱི་ཤེས་བྱ་སྤྱིའི་ཁོག་དབུབ་རྒྱལ་མཚན་རྩེ་འབར།
20.              འཁོར་ལོ་རྒྱལ་པོའི་ཁོག་དབུབ་གསེར་གྱི་བང་མཛོད།
21.              བྲང་ཏི་སྤྲེའུའི་ཁོག་དབུབ།
22.              དབུ་ལང་ཟེར་བའི་ཁོག་འབུབ།
23.              བློ་གྲོས་ཀྱི་ཁོག་དབུབ།
24.              སྡེ་སྲིད་ཀྱི་གསོ་རིག་ཁོག་དབུབ་ལེགས་བཤད་བཻཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན།
25.              གཡུ་ཐོག་ཡོན་ཏན་མགོན་པོའི་བུའི་དོན་དུ་རྒྱུད་ཀྱི་གསེར་མཆན་དང་།
26.                                      སློབ་མའོ་དོན་དུ་ཟོང་མཆན།
27.                                      རྩ་དཔྱད་རིག་པ་རབ་གསལ་སྡེ་ཚན་ལྔ་པ།
28.                                      ལག་ལེན་པོད་ཆུང་།
29.                                      ཤོག་དྲིལ་སྐོར་གསུམ།
30.                                      དེའི་ཞལ་གདམས་གསེར་གྱི་སྡེ་[ལྡེ]མིག་སྐོར་དྲུག
31.                                      ཆ་ལག་བཅུ་གསུམ་མམ་བཅོ་བརྒྱད།
32.                                      དེའི་ནང་ཚན་སྔོའི་མན་ངག་འཁྲུལ་སེལ་སྒྲེན་མེ།
33.                                      འགྲེལ་པ་འབུམ་ནག་གསལ་སྒྲོན།
34.                                      སྔོ་འབུམ་ཆེན་མོ།
35.                                      འབུམ་ཁུ་ཚུར།
36.                                      ཐོར་བུ་མེ་ལེན།
37.                                      རྒྱུད་བཞི་འཆད་ཐབས།
38.                                      དེའི་ཆིངས་སྐྱོགས་སོགས་དཔེ་རིས།
39.                                      བྱང་ཁོག་གི་རྩ་བྲ།
40.                                      སྨུག་པོ་བསོ་བ་ཆུ་རྒྱུན་གྱི་གདམས་པ།
41.                                      ཆུའི་འཁོར་ལོ་དང་རྩ་པྲ་གསལ་བའི་མེ་ལོང་།
42.                                      གཡུ་ཐོག་བུ་དོན་མ་ཚིགས་བཅད།
43.                                      འབྱུང་བ་ལུས་འཁྲུགས་ཀྱི་གེགས་སེལ།
44.                                      དུག་ནད་ཞི་བ།
45.                                      མོ་ནད་བཅོས་ཐབས་ཡིག་སྣ་བཅུ་བཞི་པ།
46.                                      གཟེར་སྨན་གཉེན་པོ་ལྔ་སྦྱོར།
47.                                      སྨན་པའི་བྱ་བ་མདོར་བསྡུས་པ།
48.              གཡུ་ཐོག་པའི་སློབ་མ་སུམ་སྟོན་ཡེ་ཤེས་གཟུངས་ཀྱི་གཡུ་ཐོག་པའི་རྣམ་ཐར་བཀའ་བརྒྱ་མའམ་སྐུ་ལྔ་ལྷུན་གྲུབ་མ། གསང་བའི་རྣམ་ཐར།
49.                                      བཤད་རྒྱུ་ཀྱི་འགྲེལ་པ་འབུམ་ཆུང་གསལ་སྒྲོན།
50.                                      རྐང་འབམ་བཅོས་པ་སྙན་བརྒྱུད་ཀྱི་ཟིན་བྲིས།
51.              ཨོ་རྒྱན་གྱི་སྨན་པ་ཛི་ན་མི་དྲའི་སྲས་ཨཙརྱ་ཕྱག་རྡུམ་མམ་སྐྱེས་བུ་མེ་ལྷའི་སྙན་བརྒྱུད་བེ་བུམ་ནག་པོ།
52.                                      ཆུང་དཔྱད་བེ་བུམ་སྔོན་པོ།
53.                                      འབུམ་ཁུ་ཚུར།
54.                                      རྡེ་སྐོར་ཕྱི་ནང་གསང་གསུམ་སོགས་མན་ངག་གི་ཡིག་སྣ་མང་།
55.              གཡུ་ཐོག་ཁ་རག་ལྷ་རྗེའི་ཡོན་ཏན་མགོན་པོའི་རྣམ་ཐར་ནོར་བུའི་ཕྲེང་བ།
56.              ཀོང་པོ་བདེ་རྒྱས་ཀྱི་གཡུ་ཐོག་རྣམ་ཐར་གཟི་བརྗིད་རིན་པོ་ཆེའི་གཏེར།
57.              བག་སྟོན་ཤཱཀྱ་མགོན་པོའི་གཡུ་ཐོག་རྣམ་ཐར་དོན་གསལ་ཉི་མའི་འདོ་ལྡན།
58.              ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་བསྒྱུར་བ་དངུལ་ཆུའི་གཞུང་སྐོར་གསུམ།
59.                                      རིན་ཆེན་རིལ་བུའི་སྐོར།
60.              ཀརྨ་རང་བྱུང་རྡོ་རྗེའི་སྨན་མིང་རྒྱ་མཚོ།
61.                                      བརྒྱད་པའི་སྙིང་པོ་བསྡུས་པ།
62.                                      དབང་རིལ་སོགས་དང་།
63.              བ་རི་ལོ་ཙཱ་བའི་རིག་པ་ཐོར་བུའི་འབུམ།
64.              ལོ་ཙཱ་བ་གྲགས་སེང་གི་ཉེར་མཁོ་ཕྱོགས་བསྡུས་བེ་བུམ།
65.              མངའ་རིས་ཆག་སྨན་རིན་ཆེན་རྒྱལ་མཚན་དང་ཤཱཀྱ་ཡེ་ཤེས་ཀྱིས་ཕྱོགས་བསྒྲིགས་མན་ངག་མུ་ཏིག་ཕྲེང་བའམ་འབུམ་ཁུ་ཚུར་གྱི་གདམས་པ་དཀར་ཆག་དང་བཅས་པ།
66.              དེ་ལས་ལྕང་སྨན་སངས་རྒྱས་མགོན་པོས་བཏུས་པ་འབུམ་ཁུ་ཚུར་གྱི་ཞལ་གདམས་སུམ་ཅུ་པ།
67.              གདོང་ནག་ལྕེ་སྨན་དར་རྒྱས་ཀྱི་རྩ་རྒྱུད་འགྲེལ་ཆེན།
68.              བར་སྨན་པའི་འཇུཧ་ཁུག་མར་གྲགས་པའི་མན་ངག་མང་པོ།
69.              སྤྱི་པ་དཔལ་མགོན་རྡོ་རྗེའི་བཤད་རྒྱུད་ཀྱི་འགྲེལ་པ་འཐད་ལྡན་འོད་ཟེར་རབ་ཏུ་འཕྲོ་བ།
70.              མེས་ཨར་ཚོམ་གྱི་བློན་པོ་དང་བླ་སྨན་བྲང་ཏི་རྒྱལ་མཉེས་མཁར་ཕུག་ནས་བཟུང་སྨན་པ་མཁས་པ་བར་མ་ཆད་དུ་བྱུང་བའི་མན་ངག་རིམ་བརྒྱུད་ཟབ་མོ་རྣམས་རིམ་གྱིས་ཡི་གེར་བཏབ་པ་བྲང་ཏིའི་པོད་ཁྲའམ་པོད་དམར།
71.              བྲང་ཏི་འཇམ་དཔལ་བཟང་པོའི་ལག་ལེན་པོད་ཆུང་།
72.                                      བྱ་འདྲེའི་བཅོས་ཐབས།
73.              དེའི་(བྲང་ཏི་འཇམ་དཔལ་བཟང་པོ་)སྲས་ཆུང་བ་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་རྩ་རྒྱུད་ཀྱི་འགྲེལ་པ་རྒྱུད་དོན་རབ་གསལ།
74.                                      ཕྱི་རྒྱུད་འགྲེལ་པ་ཚུལ་གསུམ་སྣང་བ།
75.                                      རྩ་མདོའི་འགྲེལ་པ་ཉི་མའི་འདོ་ཟེར།
76.                                      བརྒྱད་པའི་ཁོག་དབུག 
77.                                      དྲང་སྲོང་གི་རྟོགས་བརྗོད།
78.                                      མ་ལ་ཡའི་དཀའ་འགྲེལ།
79.                                      ཕྱི་རྒྱུད་སྨན་སྦྱོར་དཔེ་རིས།
80.                                      རྩ་པྲའི་ལྷ་མོའི་སྒྲུབ་ཐབས།
81.                                      ཆུ་མདོའི་འགྲེལ་པ་ཚིག་དོན་གསལ་བྱེད་ཡིད་བཞིན་ནོར་བུར་ཐང་ཕྱེའི་འགྲེལ་པ།
82.                                      བྱང་ཁོག་གི་ཐིག་འགྲམ་གསལ་སྒྲོལ།
83.                                      གཅེས་བསྡུས།
84.                                      མདོ་གནས་ལེའུ་སུམ་ཅུའི་སམ་འབྲེལ་སོགས་བསྟན་བཅོས་ཆེ་ཆུང་བཅོ་བརྒྱད་ཙམ།
85.              དེའི་(བྲང་ཏི་དཔལ་ལྡན་འཚོ་བྱེད་)སྐུ་ཚ་བྲང་ཏི་དཔལ་ལྡན་རྒྱལ་མཚན་གྱི་རྩ་རྒྱུད་ལེའུ་དང་པོའི་འགྲེལ་པ།
86.                                      མན་ངག་གསེར་བྲེ།
87.              བྲང་ཏི་རྡོ་རྗེ་དཔལ་བཟང་གི་བཤད་རྒྱུད་འགྲེལ་པ་དོན་གསལ།
88.              བྲང་ཏི་དཔལ་འབྱོར་དོན་གྲུབ་ཀྱིས་གསེར་བྲེ་ཆེ་བ་ལས་བསྡུས་པའི་གསེར་བྲེ་ཆུང་བ།
89.              དེའི་(བྲང་ཏི་དཔལ་འབྱོར་དོན་གྲུབ་)སྲས་ཀྱི་དངུལ་བྲེ། འདིའི་མཚན་མི་གསལ།
བྲང་ཏི་ཡབ་མེས་གོང་མ་ནས་ས་སྐྱ་སྨན་གྲོང་དུ་བཞུགས་པས་ས་སྐྱ་སྨན་གྲོང་པ་ཟེར། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རིང་ལ་དཔའ་བོའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་རྩ་འགྲེལ་བསྒྱུར།
90.              ཆེར་རྗེ་ཞིང་སྟོན་ཞིག་པོ་ཐུགས་རྗེ་ཁྲི་འོད་ཀྱིས་བཅད་དོན་ཁྲིགས་འབྱེད་པའི་ལྡེ་མིག 
91.                                      དཀའ་ཚོམ་གེགས་སེལ་གནམ་ལྕགས་འཁོར་ལོ།
92.                                      ཚིག་དོན་ཞིབ་རྒྱས་སུ་འགྲེལ་པ་མུ་ཏུག་ཕྲེང་བ་རྒྱས་བསྡུས་གཉིས།
93.                                      ལག་ལེན་དམར་ཁྲིད་རྒན་པོ་མཛུབ་ཚུགས་ཀྱི་ཚུལ་དུ་འཆད་པ་བདུད་རྩིའི་ཐིགས་པ།
94.                                      གཞུང་གི་ནག་མཆན།
95.              དེའི་(ཆེར་རྗེ་ཞིང་སྟོན་ཞིག་པོ་)སློབ་མ་གཙང་སྟོན་དར་མོ་མགོན་པོའི་སློབ་མའི་དོན་དུ་ཟིན་ཏིག་དང་།
96.                                      བུའི་དོན་དུ་ཡང་ཏིག
97.              ཚ་ལུང་པ་སྟོང་སྟོན་དཀོན་མཆོག་སྐྱབས་ཀྱི་ཡན་ལག་བརྒྱད་པའི་བསྡུས་དོན་རིན་པོ་ཆེའི་དྲ་བ་དང་།
98.                                      གཞུང་གི་མཆན་བུ།
99.              མངར་སྒོམ་ཆེན་གྱི་ཡན་ལག་བརྒྱད་པའི་ཊིཀྐའི་གསལ་བྱེད་མེ་ལོང་།
100.          གཡུ་ཐོག་བཀྲ་ཤིས་མགོན་གྱི་ལེ་གྲངས་ཀྱི་བསྡུས་དོན།
101.                                  འཕེལ་ཟད།
102.                                  རོ་སྦྱོར།
103.                                  ནི་རུཧའི་ལམ་རིམ།
104.                                  མཚན་ཉིད་ཉི་ཤུ་ལ་སོགས་པའི་ཤོག་ཁྲ
105.          གཡུ་ཐོག་རྒྱལ་ཚའི་སྟོང་ཐུན་ཆེན་མོ་ལུང་གྲངས་ཉི་མའི་སྙིང་པོ།
106.          འབལ་སྨན་ཉི་མ་དཔལ་གྱི་གཅེས་བསྡུས་ཡིད་བཞིན་ནོར་བུ།
107.          ཆེར་རྗེ་ཤཱཀྱ་དཔལ་གྱི་ལེའུ་དང་པོའི་ཊིཀྐ་ཟླ་ཟེར་མེ་ཏོག
108.          བྱ་མོ་ཁུད་པ་ཡེ་ཤེས་བཟང་པོའི་བརྒྱད་པའི་འགྲེལ་པ་དོན་གསལ་ཉི་མའི་སྙིང་པོ།
109.          གནས་དྲུག་པ་བློ་གྲོས་མཚུངས་མེད་ཀྱི་ཡན་ལག་བརྒྱད་པའི་མཆན་བུ།
110.          མཐའ་བཞི་ཤཱིལསཾབྷའི་ཁོག་དབུབ་བདུད་རྩིའི་ཆུ་རྒྱུན།
111.          མི་ཉག་རྡོ་རྗེ་འབུམ་གྱི་ཟའ་འགྲེལ།
112.                                  ས་བཅད།
113.          རྫ་རྡོ་ཟུང་གི་སྤྱི་ཁོག་གསལ་བ།
114.          ཤཱཀ་རམས་པ་ཉི་མ་དཔལ་གྱི་འགྲེལ་བཤད་ཉི་མའི་འདོ་ཟེར།
115.          དགེ་བཤེས་རོག་སྟོན་གྱི་ཚིག་དོན་གསལ་བྱེད།
116.          དཔལ་ཆེན་འོད་པའི་བརྒྱད་ཆུང་ཉི་མའི་འཁོར་ལོ།
117.          རྗེ་ས་པཎ་གྱི་བརྒྱད་པའི་དོན་བསྡུས།
118.          བཅོམ་ལྡན་རིགས་རལ་གྱི་གསོ་དཔྱད་རྒྱན་གྱི་མེ་ཏོག
119.          སྟག་ལོའི་སྨན་གྱི་ལག་ལེན་གཅེས་བསྡུས་ལེའུ་བཅུ་པ་རེག་པས་ནད་སེལ།
120.          སྟོད་སྨན་འཚོ་བྱེད་གཞོན་ནུའི་ཡན་ལང་བརྒྱད་པའི་སྙིང་པོ་བསྡུས་པ།
121.                                  དངུལ་ཆུ་གྲུབ་པའི་བསྟན་བཅོས།
122.          ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྨན་དཔྱད་རྒྱལ་པོའི་དཀོར་མཛོད།
123.          ཕ་དམ་པའི་འཁྱུད་སྤྱད་དཀར་ནག་ཁྲ་གསུམ།
124.          དྲང་སྲོང་ཆུ་སྐར་གྱི་མཁྱུད་སྤྱད།
125.          འབྲོང་རྩེའི་བེ་བུམ།
126.          ན་བཟང་པའི་བེ་བུམ།
127.          བྱང་པ་རྣམ་རྒྱལ་གྲགས་བཟང་གི་ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལེའུ་བརྒྱ་དང་ཉི་ཤུ 
128.                                  རྩ་རྒྱུད་ཀྱི་བཤད་པ་རྒྱུད་དོན་གསལ་བྱེད་སྒྲོན་མེ།
129.                                  བཤད་རྒྱུད་ཀྱི་རྒྱ་ཆེར་འགྲེལ་བ་བདུད་རྩིའི་ཆུ་རྒྱུན།
130.                                  ཊིཀ་ཆུང་དོན་གསལ།
131.                                  ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་དགོས་འདོད་འབྱུང་བ།
132.                                  ཡོངས་གཏད་ཀྱི་འགྲེལ་པ་ཚིག་དོན་རྣམ་པར་གསལ་བ།
133.                                  སྨན་གཞུང་རིན་ཆེན་སྒྲོམ་བུ།
134.                                  རྒྱུད་བཞིའི་དཀའ་ཕྲེང་མུན་སེལ།
135.                                  གསོ་ཐབས་སུམ་བརྒྱ་དྲུག་ཅུའི་ངོས་འཛིན།
136.                                  རྩ་བཤད་གསལ་བའི་སྒྲོན་མེ།
137.                                  སྲོག་གཅོད་ནད་དགུའི་དབྱེ་བ།
138.                                  འཚོ་བྱེད་རྣམས་ལ་སྙིང་བརྩེ་བའི་འཕྲུལ་གྱི་ཡིག་ཆུང་།
139.                                  སེང་གེ་རྩེ་འཚོ་བྱེད་ཀྱི་དྲིས་ལན།
140.                                  རྒྱུད་བཞིའི་མཆན་བུ།
141.          དེའི་(བྱང་པ་རྣམ་རྒྱལ་གྲགས་བཟང་)སློབ་མའི་ཉི་མ་མཐོང་བ་དོན་ལྡན་ནམ་བྱམས་པ་དཀོན་མཆོག་རིན་ཆེན་གྱི་གསོ་དཔྱད་ཀྱི་རྒྱལ་པོ་ཞེས་བྱ་བའི་བསྟན་བཅོས།
142.                                  རྒྱུད་བཞིའི་འགྲེལ་བཀོད་པ་རྣམ་བཞི་དང་།
143.                                  ད་རྣམ་བཞི་མངོན་རྟོགས་པའི་གསོལ་འདེབས།
144.                                  རྒྱུད་བཞིའི་རྣམ་ངེས་སམ་བཀའ་སྒྲུབ།
145.                                  མ་ལ་ཡའི་དཀའ་འགྲེལ་འདོད་འཇོ་ཆེ་ཆུང་།
146.                                  ཁྱད་འཕགས་སྤྱི་སྨན།
147.                                  ངོ་མཚར་སྤྱི་སྨན།
148.                                  རིམས་བཅོས་མི་ལ་སྲོག་སྦྱིན།
149.                                  བཤད་རྒྱུད་ལེའུ་བཞི་པའི་འགྲེལ་པ་གནས་ལུགས་རབ་གསལ།
150.                                  རྩ་མདོའི་འགྲེལ་པ་སྙན་རྒྱུད་རྡོ་རྗེའི་ཚིག་རྐང་།
151.                                  གཅེས་བསྡུས་རིན་ཆེན་ཕྲེང་བ།
152.                                  ཟུར་མཁར་བས་མིང་སོགས་དྲིས་པའི་ལན།
153.          མིའི་ཉི་མའི་སྲས་ལྷ་བཙུན་བཀྲ་ཤིས་དཔལ་བཟང་གི་བཤད་རྒྱུད་ཀྱི་འགྲེལ་པ་ལེགས་བཤད་ནོར་བུ།
154.                                  ཕྱི་རྒྱུད་འགྲེལ་པ་དགོས་འདོད་འབྱུང་བ་རིན་པོ་ཆེའི་བང་མཛོད་དམ་བཀླག་པས་ཀུན་ཤེས།
155.          ལྷུན་སྡིངས་བདུད་རྩི་འགྱུར་མེད་ཀྱི་གསོ་དཔྱད་ཀྱི་ལག་ལེན་དགོས་འདོད་ཀུན་འབྱུང་།
156.          ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེས་རྐྱང་སེལ་སྐོར་འཚོ་བྱེད་སྤྱི་ལ་དྲིས་པ་རྡོ་རིང་རྒྱན་མཆོག
157.          སྡེ་སྲིད་ཀྱི་དེའི་ལན་དྲང་ཐིག་སྲིད་སྒྲུབ་ཀྱི་མདའ།
158.          བོད་མཁས་པའི་སྨན་རྩིས་གཉིས་ཀྱི་དགག་པ་སོགས་སྨན་ཡིག་ཐོར་བུ།
159.          ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་རྒྱུད་བཞིའི་འགྲེལ་ཆེན་པོད་ཤལ་ཕྲ་མོ།
160.                                  རྒྱུད་ཀྱི་དཀའ་གནད་རྣམས་ལ་དྲི་ཚིག་སྤྱི་དོན་དངུལ་དཀར་མེ་ལོང་།
161.                                  ལེགས་བཤད་ཉི་ཟེར།
162.                                  ཕྱོགས་ཀྱི་སྨན་པ་རྣམས་ལ་སྤྲིངས་ཡིག 
163.                                  བྱེ་བ་རིང་བསྲེལ་མ་ཡིག 
164.                                  བུ་ཡིག་གམ་མདེའུ་ཐུང་།
165.                                  ཐེམ་མེད་དམ་ཕྱི་མ་ཕྱོགས་གཏོགས་དང་བཅས་ལེ་ཚན་བཞི་བརྒྱ་དང་བཅུ་དྲུག་ཡོད་པ།
166.                                  རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ།
167.                                  ལག་ལེན་མཐར་ཕྱིན།
168.          སྐྱེམ་པ་ཚེ་དབང་རྡོ་རྗེའི་སློབ་མ་སྐྱེམ་པ་ཚེ་དབང་རྒྱལ་པོའི་རྩ་རྒྱུད་འགྲེལ་པ་སྙིང་པོ་སྣང་བ།
169.                                  བཤད་རྒྱུད་འགྲེལ་པ་ཚིག་དོན་ཉི་མ།
170.                                  མན་ངག་རྒྱུད་ཀྱི་རྣམ་བཤད་བདེ་བའི་འདོད་འཇོ།
171.                                  ཕྱི་རྒྱུད་རྣམ་བཤད་ལག་ལེན་གསལ་བྱེད།
172.                                  སྨན་དཔྱད་ལག་ལེན་ཚེ་དབང་བརྒྱ་རྩར་གྲགས་པ།
173.          མཚོ་སྨད་མཁན་ཆེན་ཤཱཀྱ་དབང་ཕྱུག་གི་ཕྱི་རྒྱུད་འགྲེལ་པ་དཀའ་གནད་གསལ་སྒྲོན།
174.                                  རིགས་ལྔའི་གསལ་བྱེད་མེ་ཏོག་ཕྲེང་བ།
175.                                  ལག་ལེན་དམར་ཁྲིད་དུ་བསྟན་པ་སྙིང་པོ་བསྡུས་པ།
176.          ཟུར་མཁར་བློ་གྲོས་རྒྱལ་པོའི་རྩ་བཤད་གཉིས་དང་། ཕྱི
177.                                  ་རྒྱུད་ལེའུ་དང་པོ་གཉིས་ཀྱི་འགྲེལ་པ་མེས་པོའི་ཞལ་ལུང་།
178.                                  གཞི་ལམ་འབྲས་ལས་བརྩམས་པའི་དྲིས་ལན་གསེར་གྱི་ཕྲ་ཚོམ།
179.                                  སྨན་གཞུང་ལས་བརྩམས་པའི་དྲི་བ་རྡོ་རིང་མཛེས་བྱེད་ཀྱི་རང་ལན་རྒན་པོའི་ཁ་ཆེམས་མཚན་མོ་མུན་ནག་གི་གློག་འོད།
180.                                  ཟུར་མཁར་པའི་རྣམ་ཐར་འགག་པ་མེད་པའི་གཏམ།
181.                                  བྱང་པའི་བཀའ་སྒྲུབ་ཀྱི་ལན་དཀར་པོ་ཆིག་ཐུབ་པའམ་དབང་པོའི་ལག་ཉལ།
182.                                  སྨན་གྱི་རོ་ནུས་ཞུ་རྗེས་ཀྱི་རེ་མིག་དྷརྨསྭམིས་རྡོ་རྗེ་ཕ་ལམ་ལ་མིག་ཕུག་པ་ལྟར་མཛད་པ་སླར་སྲང་བུར་བརྒྱུས་པ་དང་མཚུངས་པ། 
183.                                  གོང་སྨན་དཀོན་མཆོག་འཕན་དར་ལ་དྲི་བ་ཙུ་ཏའི་འཁྲི་ཤིང་།
184.                                  པ་རྣམ་འཚོ་བྱེད་ཀུན་ལེགས་པར་དྲི་བ་བློ་གསལ་འཇུག་ངོགས།
185.                                  དྲིས་ལན་ལེགས་བཤད་སྐྱུག་པ།
186.                                  ཟླ་ཐིགས་ཉིན་བྱེད་འོ་མཚོ་དབྱར་སྐྱེས་རྡ་གསང་།
187.                                  ག་བུར་གུར་གུམ་ཨ་དཀར་ཙནྡན་སོགས་ཀྱི་སྐྱོན་སེལ་འགའ་ཞིག 
188.                                  རྒྱུད་བཞི་པར་བཀོད་མཇུག་རྩོམ་གྱི་སྐྱོན་སེལ།
189.                                  ཆུ་སྐོལ་གྱི་རྣམ་བཤད།
190.                                  འཕན་ཡུལ་གྱི་སྨན་པ་རླུང་ཁམས་ལངས་པའི་དྲིས་ལན་དབྱར་ཉིའི་ཞུན་ཐིགས།
191.                                  མ་ནུའི་དྲིས་ལན་སོགས་མང་།
192.          བྱར་པོ་པཎ་ཆེན་རྡ་རྗེ་ཕ་ལམ་གྱི་རྒྱུད་བཞིའི་འགྲེལ་པ།
193.                                  བྱེ་བ་རིང་བསྲེལ་གྱི་དཀར་ཆག
194.          བྱང་པ་བཀྲ་ཤིས་དར་རྒྱས་ཀྱི་བཤད་རྒྱུད་རྐྱང་སེལ་གྱི་འགྲེལ་པ་སྨན་གྱི་འཁྲུངས་དཔེ་དང་སྦྱར་བ།
195.          དྲང་སྲོང་མཐུ་སྟོབས་རྡོ་རྗེའམ་གྲུ་སེང་གེའི་མིང་ཅན་གྱི་སྨན་དཔྱད་བདུད་རྩིའི་གཏེར།
196.          དཔའ་བོ་གཙུག་ལག་པའི་སྨན་དཔྱད་ཟིན་བྲིས་སྙིང་པོ་བསྡུས་པ་དང་།
197.                                  རྡོ་ཞུན་གསལ་སྒྲོན།
198.          སྐྱིད་ཤོད་ཆུ་ཤུལ་ནའོ་འཚོ་བྱེད་བློ་གྲོས་བརྟན་པའམ་རིན་སྡིངས་སེམས་དཔའ་ཆེན་པོ་བློ་བཟང་རྒྱ་མཚོའི་ཕྱི་རྒྱུད་དཀའ་འགྲེལ་གསལ་བའི་མེ་ལོང་།
199.           ཉི་[ཉེ]ཐང་བློ་བཟང་རྒྱ་མཚོའི་གཅེས་བསྡུས།
200.          དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱི་མེས་པོའི་ཞལ་ལུང་གི་ཁ་སྐོང་ཕྱི་རྒྱུད་ཆུ་མདོ་མན་ཆད་ཀྱི་འགེལ་བ་ཞལ་ལུང་གཉིས་པ་དཀའ་གནད་རྡོ་རྗེའི་མདུད་གྲོལ།
201.                                  མན་ངག་རྒྱུད་ཀྱི་དཀའ་འགྲེལ་ལེགས་བཤད་གསེར་རྒྱན། རྐྱང་སེལ་གྱི་འགྲེལ་པ།
202.          དྭགས་པོ་འཚོ་བྱེད་ཀརྨ་ཀུན་ཕན་པའི་བྱེ་བ་རིང་བསྲེལ་གྱི་འགྲེལ་ཞལ་ཤེས་དང་བཅས་པ།
203.                                  མན་ངག་གི་སྐོར་ཟབ་གནང་མཐའ་དག་བསྡུས་པའི་སྙིང་པོ་བདུད་རྩི་་གསེར་ཕྲེང་།
204.                                  འབམ་བཅོས་རྣམས་སོ།
205.          སྟོད་ལུགས་ཀྱི་ཡ་གྱལ་གོང་ཁ་པ་ཆོས་ཀྱི་རྡོ་རྗེའི་བརྒྱུད་འཛིན་གོང་སྨན་དཀོན་མཆོག་བདེ་ལེགས་ཀྱི་རྒྱུད་བཞིའི་མཆན་ཤིན་ཏུ་རྒྱས་པ་རྒྱུད་ཚན་ཕྲ་མོ་བེ་བུམ་སེང་ལྡེང་མར་གྲགས་པ།
206.                                  མན་ངག་པོད་དམར་ཡིད་བཞིན་ནོར་བུ།
207.                                  པོད་ནག 
208.                                  པོད་ཁྲ།
209.                                  ཕྱི་རྒྱུད་དཀའ་འགྲེལ་གནས་ཐམས་ཅད་གསལ་བའི་སྒྲོན་མེ།
210.                                  བརྒྱུད་པའི་རྣམ་ཐར།
211.                                  སྨན་མིང་བརྡ་སྤྲོད།
212.                                  རྒྱུད་ཀྱི་དཀའ་ཕྲེང་འགྲོལ་བའི་ཤོག་སེར་ངོ་དཔེ་བདུན།
213.                                  རྩ་ཆུའི་གནང་འགྲོལ་ཞལ་གྱི་གདམས་པ་དམར་འབྱིན།
214.                                  སྔོའི་འཁྲུངས་དཔེ་དོན་བསྡུས།
215.                                  རོ་ནུས་ཀྱི་སྡེབ་སྦྱོར་སོགས་ཕྲན་བུ་བསྡུས་པ།
216.          གོང་སྨན་དཀོན་མཆོག་ཕན་དར་གྱི་དྲང་སྲོང་བརྒྱད་པའི་གསོལ་འདེབས་རྫོགས་ལྡན་མ།
217.                                  སྨན་གྱི་བྱིན་འབེབས་རབ་གནས་ཀྱི་ཆོ་ག 
218.                                  སྨན་གྱི་ལྷ་མོའི་སྒྲུབ་སྐོར།
219.                                  དངུལ་ཆུ་གྲུབ་པའི་བསྟན་བཅོས།
220.                                  སྨན་ནག་ཆེན་མོའི་སྦྱོར་བ་རྒྱས་འབྲིང་བསྡུས་གསུམ་གྱི་དཀར་ཆག 
221.                                  རྩ་རྒྱུད་ཀྱི་འགྲེལ་པ་མེ་ལོང་མཐོང་གསལ།
222.                                  གསོ་རིག་དགོས་འདོད་འབྱུང་བ་ནོར་བུའི་འཕྲེང་བ་ཞེས་མན་ངག་རྟེན་འབྲེལ་གྱི་སྐོར་མ་ཚང་བ་མེད་པའི་ཤིན་ཏུ་རྒྱས་པ་པོད་གསུམ།
223.                                  དེ་ལས་བསྡུས་པ་དགོངས་པ་དོན་འདུས།
224.                                  དེ་ལས་བསྡུས་པ་དགོས་པ་ཀུན་བསྡུས།
225.                                  དེ་དག་གི་དགོངས་དོན་སྙིང་པོར་དྲིལ་བ་ཉམས་ཡིག་བརྒྱ་རྩའམ་ཕན་བདེ་བརྒྱ་རྩ།
226.          དེའི་(གོང་སྨན་དཀོན་མཆོག་ཕན་དར་)སློབ་མ་ཚ་རོང་ཆོས་རྗེ་དཔལ་ལྡན་རྒྱན་མཚན་གྱི་གསོ་རིག་གི་སྤྱི་དོན་མུན་སེལ་སྒྲོན་མེ་སོགས་ཚ་རོང་པའི་སྙན་བརྒྱུད་དཔེ་བུམ་དུ་གྲགས།་པ།
227.          དེའི་(ཆོས་རྗེ་དཔལ་ལྡན་རྒྱན་མཚན་)དཔོན་པོ་ནམ་མཁའ་བདེ་ལེགས་ཀྱི་རྒྱུད་བཞིའི་སྤྱི་དོན་ལེགས་བཤད་སྣང་བ།
228.                                  རྩ་མདོའི་ས་བཅད་བསྡུས་དོན།
229.                                  ཕྱི་རྒྱུད་གྱི་ནང་དང་།
230.                                  གཉེན་པོ་གསོ་ཐབས་གསུམ་གྱི་དབྱེ་བསྡུ།
231.                                  མན་ངག་ཐོར་བ་སྣ་ཚོགས་པའི་སྐོར་བདུད་རྩི་ཕྲེང་བ།
232.                                  གཅོང་སྣ་བཞིའི་ངོས་འཛིན་མཛུབ་ཚུགས་མ། དེའི་བཅོས་ཐབས་རྡོ་རྗེ་ཕ་ལམ།
233.          གོང་སྨན་ལུགས་འཛིན་གསལ་བ་སྒང་བ་དཔལ་མགོན་ལྷུན་གྲུབ་ཀྱི་གསོ་རིག་གི་སྤྱི་དོན་ལེགས་བཤད་བྲིས་པ།
234.                                  དུས་བཞིའི་ངོས་འཛིན་ལ་འཁྲུལ་བ་སྤོང་ཐབས།
235.          དྲུང་འཚོ་དབང་ལྡན་པས་ཉི་ཟླ་གཟའ་འཛིན་ཉི་མ་ལྡོག་མཉམ་སོགས་རྩ་ཡི་ཐེག་ཚུལ་སྨྲ་བ་ལ་དྲི་བ་ལེགས་བཤད་འཚོལ་བའི་ཕོ་ཉ་རིགས་པའི་ལྕགས་ཀྱུ།
236.          མིའི་ཉི་མའི་གཅེས་བསྡུས་ལས་མིང་ཡང་འདི་བཞིན་དུ་བྲིས་པ་ཕྱོག་རྡོར་མགོན་པོའི་གཅེས་བསྡུས་རིན་ཆེན་ཕྲེང་བ་དང་།
237.                                  ཕྱི་རྒྱུད་ཀྱིས་བཅང་།
238.          སྔེ་པ་རོང་ཚོ་བའི་ལྟ་ན་སྡུག་གི་ངོས་འཛིན།
239.                                  བརྒྱུད་པའི་ལོ་རྒྱུས་སོགས་ལ་དྲིས་པའི་ལན་རིག་པའི་འཁོར་ལོ།
240.                                  མན་ངག་ཟབ་བསྡུས་བདུད་རྩི་ཐིགས་ཕྲེང་།
241.          འབྲུག་པ་པདྨ་དཀར་པོའི་དུག་བཅོས་ལེ་ཚན།
242.          ཞ་དམར་དྲུག་པའི་གསོ་རིག་གི་བསྟན་བཅོས་འཆི་བ་མེད་པའི་བདུད་རྩི།
243.          དཔའ་བོ་གཙུག་ལག་ཕྲེང་བའི་སྨན་གྱི་ཆོས་འབྱུང་དང་འབམ་བཅོས།
244.          ཞི་ཐང་ངག་དབང་གཞོན་ནུའི་རྒྱུད་ནུས་གསུམ་གྱི་འགྲེལ་པ་དང་།
245.                                  གསོ་རིག་གི་བསྟན་བཅོས་ལེགས་བཤད་སྐལ་བཟང་གི་ཡན་ལག་བརྒྱད་པའི་དཀའ་གནད་ཀྱི་མཆན་འགྲེལ།
246.          སྙེ་མདོ་ཀུན་དགའ་དོན་གྲུབ་ཀྱི་ཡང་སྲིད་སྙེ་མདོ་ཤཱཀྱ་དཔལ་གྱི་གསོ་རིག་གི་བསྟན་བཅོས་རིན་ཆེན་སྣ་བདུན།
247.          འབྲི་གུང་ཆོས་གྲགས་ཀྱི་འབམ་བཅོས་ཚེ་འཛིན་སྲོག་སྐྱོབ།
248.          དེའི་(འབྲི་གུང་ཆོས་གྲགས་)སློབ་མ་གཞུ་སྙེ་མོའི་འབྲི་གུང་ཚེ་དབང་བསྟན་པའི་གསོ་དཔྱད་གཅེས་བསྡུས་ཕན་བདེ་སྙིང་པོ།
249.                                  གཉམ་རིམས་མཁྲིས་པ་རྩར་རྒྱུག་སོགས་གློ་བུར་ནད་ལྔའི་བཅོས་ཚུལ་དམ་པའི་ཞལ་ལུང་བདུད་རྩིའི་ཆུ་རྒྱུན།
250.                                  གཅོང་ཆེན་དམུ་ཆུའི་བཅོས་གསང་བ་སྦུབས་འདྲེན།
251.                                  མགོ་གསང་མིག་གསང་གི་ཟིན་ཐོ།
252.                                  མགོ་སྨན་ཟླུམ་བཅོས་ཀྱི་སྦྱོར་བ་འབྲི་གུང་ཆོས་གྲགས་ཀྱི་གསུང་ལ་ཞལ་ཤེས་སྦྱར་བ།
253.                                  མིག་གི་འགྲིབ་གསད་མེ་ཡིས་མནན་པའི་ཕྱག་ལེན།
254.                                  རྒྱུ་རྒན་གྱི་བཅོས་འཕྲུལ་གྱི་ཐེམ་ཚང་།
255.                                  རླུང་ཅེ་སྤྱང་མགོའི་བཅོས་ཟུར་མཁར་ལུགས།
256.          དེའི་(འབྲི་གུང་ཚེ་དབང་བསྟན་པ་)སློབ་མ་འབྲི་རིགས་དཔོན་ཚང་ཡེ་ཤེས་བསམ་གཏན་གྱི་གཅེས་བསྡུས་ཕན་བདེའི་ཆར་རྒྱུན།
257.                                  གཅེས་བསྡུས་ཕན་བདེའི་སྙིང་པོའི་ཞལ་ཤེས་སྙིང་གི་ཁུ་བ།
258.                                  མོ་ནད་ཀྱི་སྒོས་བཅོས་ཟབ་མོ།
259.                                  འབྲུམ་བཅོས་བདེབའི་ལང་ཚོ།
260.                                  བད་ཀན་མགུལ་འགག་གི་བཅོས་བདེ་བའི་མྱུར་ལམ།
261.                                  རྒྱུ་གཟེར་གྱི་བཅོས་མུན་སེལ་སྒྲོན་མེ།
262.                                  མིག་སེར་གྱི་བཅོས་ལང་ཚོའི་བདེ་སྟེར།
263.          ལྷོ་བྲག་ལྷ་ལུང་མཁན་པོའི་བརྒྱུད་འཛིན་སྔགས་གྲ་པ་ཀརྨ་བསམ་གྲུབ་ཀྱི་གཅེས་བསྡུས་དགོས་པ་ཀུན་འབྱུང་མ་བུ།
264.          སྟག་བླ་པདྨ་བློ་ལྡན་གྱི་གཉན་བཅོས།
265.          གཙང་སྨན་ཚེ་རིང་རྣམ་རྒྱལ་གྱི་འབྲུམ་བཅོས།
266.                                  གཙང་པ་རྒྱལ་པོའི་བླ་སྨན་གྱི་འབྲུམ་བཅོས།
267.          སྡེ་སྲིད་ཀྱི་མན་ངག་ལྷན་ཐབས་ཀྱི་སྨན་གྱི་མིང་གིས་མཚོན་ངོ་སྤྲོད་ལག་ལེན་ངག་རྒྱུན་མི་ཉམས་པའི་ཟིན་རིས་སུ་བཀོད་པ། དེ་ལ་ཀ་རྟགས་བཏབ་ཡོད་པ་བཞིན་གསང་སྨན་ཞེ་གཉིས་ཀྱི་ངོས་འཛིན་འཁྲུལ་མེད་སྲོག་གི་ཀ་བ་འགྲོལ་དང་བཅས་པ།
268.          ཛྙཱ་ན་ཀ་རའི་ལྷན་ཐབས་ཀྱི་ལྡེ་མིག་སྦས་དོན་སྒོ་བརྒྱ་འབྱེད་པའི་ཞལ་ལུང་མན་ངག་འཕྲུལ་གྱི་ལྡེ་མིག 
269.          ཝགིནྡྲ་ཤྲཱིབྷདྲའི་མན་ངག་ལྷན་ཐབས་ཀྱི་ལྡེ་མིག་ཞལ་ཤེས་བཞི་པ་མཁའ་འགྲོའི་གཏད་རྒྱའི་རྒྱ་མདུད།
270.          དར་མོ་སྨན་རམས་པའི་ལྷན་ཐབས་ཀྱི་གསང་སྨན་ངོས་འཛིན།
271.                                  བྱང་ཁོག་ལེའུ་བཞིའི་ཡུལ་ཐིག་དང་ཤ་ཚིལ་རུས་ཀྱི་གནད།
272.                                  རང་གསང་མདའ་གསང་ཕོ་གསང་དབྱ་གསང་མེ་གཙང་[གསང་]བསྲེག་གསང་བཅས་ཕྱོགས་གཅིག་ཏུ་བོད་མཁས་པ་མི་ཕམ་དགེ་ལེགས་ཀྱིས་བསྒྲིགས་པ།
273.          རྗེ་དཔོན་ལེགས་ཚོགས་ལྷན་གྲུབ་ཀྱི་སྤྲུལ་སྐུ་བློ་བཟང་བསྟན་རྒྱལ་མཚན་གྱི་རྩ་རྒྱུད་ཀྱི་འགྲེལ་པ་གསལ་བའི་སྒྲོན་མེ།
274.                                  བཤལ་ལེའི་སྡོམ།
275.                                  གྲང་བ་སྤྱི་འཇོམས་ཀྱི་སྦྱོར་བ།
276.                                  བདུད་རྩི་བཅད་འབྱུར་གྱི་སྦྱོར་བ་ཟུག་ངུ་དྲུང་འབྱིན།
277.          སི་ཏུ་དཔོན་ཀརྨ་ངེས་ལེགས་བསྟན་འཛིན་གྱི་སྨན་བསྡུས་ཞེ་ཝཾ་པོད་གཉིས།
278.          དེའི་(ཀརྨ་ངེས་ལེགས་བསྟན་འཛིན་)ཡང་སྲིས་ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱི་རིན་ཆེན་དབང་རིལ་དང་རིན་ཆེན་རྟ་རི་མའི་སྦྱོར་སྡེ་བགྱིས་ཚུལ་གཞན་ཕན་ཟླ་འོད་འཛུམ་པའི་ཁྲི་ཤིང་།
279.                                  སྨན་གྱི་གཅེས་བསྡུས་འཆི་མེད་ནོར་བུའི་ཕྲེང་བ།
280.                                  དེའི་བུ་ཡིག་མན་ངག་སྙིང་གི་ནོར་བུ།
281.          སྡེ་དགེ་བསྟན་འཛིན་ཕུན་ཚོགས་ཀྱི་ཤེལ་གོང་དང་ཤེལ་ཕྲེང་།
282.                                  གཅེས་བསྡུས་ཀུན་གསལ་སྣང་མཛོད།
283.                                  གཏེར་ཀའི་གདམས་པ་ཉེས་འཁྲུགས་རྙོགས་པ་དྲུང་ནས་འབྱིན་བྱེད་ཀརྐེ་ཏ་སོགས་ལེ་ཚན་བཅོ་བརྒྱད།
284.          གཙང་སྨན་ཡེ་ཤེས་བཟང་པོའི་མེར་གན་ཞལ་གདམས་ཞེས་གྲགས་པ་ལེ་ཚན་བཅུ་དགུ་རྣམས་སོ།།

No comments:

Post a Comment